• I learned to gain my happiness reducing my desires.
  • Mere learning is of no avail without actual practice. The learned man who does not practice is like a colorful flower without scent.
  • Do not cultivate any non virtuous action - cultivate only perfect virtuous action. Subdue your own mind: this is the teaching of Lord Buddha.
  • Science without religion is blind. Religion without science is lame.
  • Letting go of desire is gaining the real happiness and satisfaction in our daily life.
  • Why be unhappy about something. If it can be remedied, And what is the use of being unhappy about something, If it cannot be remedied.
  • My religious is Love and Compassion. H.H. 14th DHL
  • I have learned to seek my happiness by limiting my desires, rather than attempting to satisfy them.
  • Mere learning is of no avail without actual practice. The learned man who does not practice, is like a colorful flower without scent.
  • Do not cultivate any non virtuous action, cultivate only perfect virtuous action. Subdue your own mind: this is the teaching of Lord Buddha.

ཡོངས་ཁྱབ་གསལ་བསྒྲགས། सार्वजनिक सूचना༄༅། །མཚུངས་མེད་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ།

ཆེད་ཞུ།

བལ་ཡུལ་ནང་པའི་ཚོགས་ཆེན་དབུ་བཙུགས་ནས་ད་པར་ཚོགས་ཆེན་སྒྲིག་འོག་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་སྐབས་ཆོས་བརྒྱུད་ཆེན་པོ་བཞིའི་དགོན་སྡེ་ཁག་ནས་གྲྭ་བཙུན་གདན་ཞུས་ཐོག་རིས་མེད་བསྟན་འགྲོ་སྤྱི་རིམ་དམིགས་བསལ་སྨོན་ལམ་གོ་སྒྲིག་ཞུ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། འོན་ཀྱང་། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ད་ལྟའི་དུས་འདིར་ས་ཕྱོགས་གང་སར་ཛ་དྲག་གི་གནས་སྟངས་སུ་གྱུར་བར་བརྟེན་བལ་ཡུལ་གཞུང་གི་བཀའ་ཁྱབ་དང་ལམ་སྟོན་གནང་དོན་ལྟར་མི་མང་འདུ་འཛོམས་ཀྱི་རིགས་མི་བྱེད་པའི་འབོད་སྐུལ་གནང་ཡོད་པ་ལྟར། ནད་ཡམས་སྔོན་འགོག་ལ་དམིགས་ཏེ་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་འདི་ལོའི་ས་ག་ཟླ་བའི་སྨོན་ལམ་ཕྱིར་འཐེན་བྱ་རྒྱུ་གཏན་ཁེལ་བྱུང་བས་བལ་ཡུལ་ནང་བཞུགས་ཡོད་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ཚོགས་པའི་རྒྱུན་ལས་ཡོངས་དང་སེར་སྐྱ་མི་མང་ཡོངས་ནས་དགོངས་སེལ་བཅས་ཐུགས་ལ་མངའ་བ་མཁྱཻན། མཁྱེན༎

མཐའ་དོན། ཏོག་དབྱིབས་ནད་ཡམས་རྒྱེན་གྱིས་འཛམ་གླིང་ནང་མི་གྲངས་མང་པོ་འདས་གྲོངས་སུ་གྱུར་ཡོད་པ་དང་། ད་ལྟའི་སྐབས་ནད་ཡམས་ཀྱིས་མནར་བཞིན་པ་རྣམས་གང་མྱུར་ནད་ལས་གྲོལ་བའི་ཆེད་དུ་དམིགས་ནས། ས་ག་ཟླ་བའི་དུས་ཆེན་སྐབས་སུ་ཀུན་གྱིས་ཐུགས་སྨོན་གང་དྲག་གནང་རྒྱུའི་འབོད་སྐུལ་དང་། ནད་ཡམས་འདི་མྱུར་དུ་ཞི་ནས་འཛམ་གླིང་ནང་བདེ་སྐྱིད་དང་ཞི་བདེ་ཡོང་བའི་ཆེད་རྩེ་གཅིག་ཡིད་ཀྱིས་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་སྨོན་འདེབས་ཞུ་རྒྱུ་དང་བཅས།

ཚོགས་གཙོ་ཨཱཙཱརྱ་ནོར་བུ་ཤར་པ་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ ཉིན་ཕུལ།

 

नेपाल बौद्ध महासंघले स्थापनकालदेखि वार्षिक रूपमा नेपालमा रहेका चार परम्परा (ञिङ्मा, काग्यु, साक्य र गेलुग) का गोन्पाहरुसँग समन्वय गरी भोट चन्द्र पत्रको चौथौँ महिना (सागा दावा) मा विशेष पूजा कार्यक्रम आयोजना गर्दै आएको यहाँहरूमा सर्वविदित नै छ । हाल विश्वभर महामारीको रूपमा फैलिएको कोरोन भाईरस (कोभिड १९) को कारणले संसार भयावह स्थितिमा रहेकोले नेपाल सरकारले जारी गरिएको निर्देशन अनुसार कोरोना भाइरस (कोभिड–१९) रोगबाट बच्न र बचाउनाको लागि अनावश्यक भीडभाड नगरी भौतिक दूरीको पालना गर्नु पर्ने भएकोले नेपाल बौद्ध महासंघले यस वर्षको सागा दावा मोन्लाम पूजा स्थागित गर्ने निर्णय गरिएको विषय विशेष गरी नेपालमा रहेका चार परम्परा (ञिङ्मा, काग्यु, साक्य र गेलुग) का पदाधिकारीहरूको साथै सम्पूर्ण श्रद्धालु भक्तजनहरूमा यो जानकारी गराउँदा छु ।
अन्तमा, विश्वमा कोरोना भाईरस (कोभिड–१९) को कारणले मृत्यु हुनेहरुको चित्त शान्तिको कामना र उपाचरत विरामीहरुको सिघ्र स्वास्थ्य लाभको निम्ति यस सागा दावाको पूण्य महिनामा आआफ्नै ठाउँबाट पाठपूजा तथा कामना गर्नु हुना हार्दिक अनुरोध गर्दछु । साथै विश्वमा फैलिएको कोरोना भाइरस (कोभिड–१९) यथासिघ्र उन्मुलन भै विश्वमा शान्ति फैलियोस् भनी चित्त एकाग्र भई त्रिरत्नसँग प्रार्थना गर्दछु ।
मितिः २०७७ जेठ ९ गते
(आचार्य नुर्बु शेर्पा)
अध्यक्ष